དྲིན་ལན།
རང་ཉིད་ལ་མཚོན་ནའང་། བཙས་པའི་མ་ཡུམ་གྱི་བརྩེ་བ་འདི་ལྟ་བུ་ཞིག་བཅངས་ཡོད་པ་ཐག་ཆོད་པ་ཡིན། དྲིན་ཅན་གྱི་ཨ་མ་ལགས། ད་ལྟ་རང་གང་དུ་བཞུགས་ཡོད་དམ། ཁྱོད་ལ་གུས་པས་དྲིན་འཇལ་ཇི་ལྟར་ཞུ་ནུས་སམ། མ་བྱས་པའི་རིང་བཀའ་དྲིན་འདི་འདྲ་ཞིག་བསྐྱངས་གནང་ཡོད་པ་དང་། མ་མ་བྱས་པ་སུ་ཡང་མི་འདུག་པས། གོང་གནས་འདི་ལ་དཔག་ནས་ཁྱོད་རྣམས་ཀྱི་བཀའ་དྲིན་ཡུད་ཙམ་ཞིག་དྲན་སོང་བས། ཁྱོད་ཀྱི་དྲིན་དྲན་པའི་བསམ་པ་དེ་ད་ནས་གོང་དུ་གོང་དུ་འཕེལ་ཏེ། བྱང་ཆུབ་ཀྱི་སེམས་རིན་པོ་མྱུར་བ་ཉིད་དུ་བསྐྱེད་ནས། དྲིན་ལན་རྣལ་མ་ཞིག་འཇལ་ཐུབ་པར་རྟག་ཏུ་སྨོན་ནོ།།