དཔེ་ཁྲིད་འགེངས་ཤོག་ཁ་བསྐངས།



ལྷག་དཀར་གྱི་ཉིན་དཔེ་ཁྲིད་དགེངས་ཤོག་བསྐངས།
སྔོན་བསུས་ནས་མོས་པ་ཡོད་པའི་ཁར། ཟླ་གཅིག་ཙམ་གྱི་སྔོན་ཁང་ཚན་སྤྱི་འགན་ལས་དོན་གཞན་ཞིག་གི་ཐད་ལ་འདི་གར་ཕེབས་ནས་ང་དང་ཅུང་ཟད་ཅི་འགྲོ་མིན་འགྲོ་བཤད་སྡོད་པའི་འཕྲོད་བཤད་ལ། རྒན་གྱི་དྲུང་ལ་དཔེ་ཁྲིར་ཡོང་མཁན་ཇི་ཡོད་དང་ལྔ་བཅུ་ཙམ་ཡོད་པའི་སྐོར་འདྲིས་པ་ལ། གུས་པས་ལྔ་བཅུ་གང་ནས་འོང་ཉི་ཤུ་རྩ་གྲངས་འོང་། འཛིན་གྲྭ་འགའ་ཞིག་ལ་སློབ་མ་གཅིག་བྱས་པའང་ཡོད་ཞུས་པ་ཡིན། ད་ཆ་ཁང་ཚན་ལ་དཔེ་ཆ་སློབ་ཁྲིད་ཆེ་ཤོས་ཁྱོད་རང་རེད་འདུག་པས། མུ་མཐུས་ནས་ཕན་ཕྱིར་གྲྭ་ཚང་ལ་དགོངས་ཤོག་འབུལ་ཐུབ་ན་ཡག་པོ་ཡོང་གི་རེད་ཅེས་གསུངས་སོང་།
   ངོས་ནས་ད་བར་དགོངས་ཤོག་ཐད་ལ་དམིགས་བསལ་གང་ཡང་བསམ་བློ་མ་བཏང་། འོང་ཀྱང་། སློབ་མ་རྣམས་ལ་ཕན་ཐོགས་བྱུང་ན་གང་ཐུབ་ཀྱིས་ཞབས་ཕྱི་ཞུས་བསམ་པ་ཡོད་ཅེས་ཞུས་པར། དེ་ཡག་པོ་འདུག་ཁང་ཚན་ནང་དགོས་ངེས་རེད། ང་གྲྭ་ཚང་ཚོགས་དུས་ལ་འགྲོ་སྐབས་དགོངས་ཤོག་སྐོར་ལ་བལྟ་གི་ཡིན་ཅེས་གསུངས་སོང་། ཉིན་ཤས་རྗེས་ལ་རྒྱུད་ལམ་ཐོག་ནས་་སྤྱི་འགན་དང་བཀའ་མོལ་ལ་ཚོགས་འདུ་བཅས་ལ་ཞལ་ནས་གསུང་པར་མི་འཚམས་པས། ཕལ་ཆེར་སྙན་ཡིག་ཐོག་འབུལ་དགོས་ཚོད་ཡིན་པས། རང་མིང་དང་ངོ་སྤྲོད་ཨང་དགོས་ངེས་པས་ངོ་སྤྲོད་འཕྲིན་ཐུང་ཕུལ་ལོ།།
   བདུན་ཕྲག་གཉིས་ཀྱི་གོང་ལ་དཔེ་ཁྲིད་འགེངས་ཤོག་ཞིག་ཤག་ལ་འབྱོར་འདུག་པ་སྤྱི་འགན་གྱིས་ནང་སོང་ཟེར་ནས་སྤྲོད་བྱུང་། ཞགས་པ་གཉིས་ཀྱི་རྗེས་རེ་གཟའ་ཟླ་བར་བྲ་ཏི་ལྷ་རམས་རྒྱུད་འཕྲིན་སྡེ་ཚན་དུ་དཔར་ནས་ཕུལ་ཏེ་དེའི་སྐོར་བྱུང་རབས་སྙན་སྒྲོན་ཞུས་པ་ཡིན་ལ། ཐུགས་འཆར་དང་ལམ་སྟོན་འདྲ་ཡོད་ནའང་གསུངས་རོགས་ཞུས་ཡིན། ཚང་མས་ཡག་པོ་འདུག་གིས་མོས་མཐུན་གང་སོང་། འབྲེལ་ཡོད་དག་ནས་མོས་མཐུན་དང་དགའ་རྟགས་གནང་ནའང་གང་འདྲ་བྱ་མིན་མཐར་ཐུགས་རང་ཉིད་ཐོག་ལ་བབས་ཙང་བསམ་བློ་མང་པོ་བཏང་བའི་ཐོག་བློས་བཏང་གིས་སྤྱི་ཟླ་༦པའི་སྤྱི་ཚེས་༡༩སྟེ། རེ་གཟའ་ལྷག་པ་སྐུའི་བླ་གཟའ་ཉིན་༸གོང་ས་མཆོག་གི་གཙོས་པའི་བསྟན་གྱི་སྐྱེས་བུ་རྣམས་ཀྱི་སྐུ་བརྟན་ཅིང་བཞེད་དོན་གྲུབ་པའི་སྨོན་ལམ་དང་བཅས་འགེངས་ཤོག་ཁ་བསྐངས་པ་ཡིན་ནོ།།
   དེ་ནས་སྤྱི་འགན་ལ་འགེངས་ཤོག་བསྐངས་པ་ཡིན་གང་དུ་འབུལ་དགོས་སམ་ཅེས་བཀའ་འདྲི་ཞུས་པར། ཤག་ལ་ཉར་ཤོག་ང་གྲྭ་ཚང་འགྲོ་སྐབས་ལེན་ཆོག་གསུངས་སོང་། ད་རིང་དྲུག་པའི་སྤྱི་ཚེས་ཉེར་གཅིག་ལ་བླངས་བྱོན་པ་བཅས་སོ།།

Comments

Popular posts from this blog

སྟོན་པ་ཚད་མའི་སྐྱེས་བུ་སྒྲུབ་པའི་ལུགས་འབྱུང་ལྡོག་གི་རྟགས་བརྒྱད།

མཚན་ཉིད་སློབ་ཁྲིད།

བྲ་ཏི་རིན་ཆེན་དོན་གྲུབ། དཔྱད་དགོས་པ།