མཚན་ཉིད་སློབ་ཁྲིད།
1, རང་ཉིད་མ་བཏུལ་བར་གཞན་འདུལ་བའི་ཐབས་མེད། ཅེས་པ་ལྟར། གཞན་ཞིག་འདུལ་བའི་བསམ་པ་རེ་བ་ལྷག་པོ་ཞིག་གང་ཡང་མེད་ལ། སློབ་ཁྲིད་ལས་འགུལ་འདི་ནི། པད་ཁྲིད་ཀྱི་རྣམ་འགྱུར་མེད་ལ་པད་ཁྲིད་ཟེར་བའི་ཐ་སྙན་ཀྱང་མེད། རྣམ་པར་དག་པས་ལས་འགུལ་འདི་ནི། ལབ་ལབ་དང་སློབ་སྦྱོང་སྤེལ་རེ་བྱེད་པ་ཙམ་ཡིན།།
2, ཆོས་གྲོགས་ན་གཞོན་བློ་ཁ་ཅུང་ཞན་པ་དང་། དཔེ་ཆ་ཤེས་འདོད་ཅན། བསླབ་པ་སློབ་གཉེར་གང་ཐུབ་བྱ་སྙམ་པའི་ན་གཞོན་སློབ་མ་རེ་གཉིས་ཡིན་ནའང་ཕན་ན་སེམས་པ་ཡིན།།
3, གདན་ས་གྲྭ་ཚང་དང་། དགེ་བའི་བཤེས་གཉེན། འགྲོགས་ཚངས་པར་མཚུངས་པ་སྤྱོད་པའི་བཀའ་དྲིན་ལས། རང་ཉིད་ཀྱི་ཅུང་ཟད་ཅིག་ཤེས་པ་དེ་དག་རང་དང་སྐལ་བ་མཉམ་པའི་གང་ཟག་གཅིག་ལས་མེད་ནའང་། དེ་ལ་ཕན་པའི་ཕྱིར་དུ་ལྷག་བསམ་རྣམ་པར་དག་པས་བརྩོན་པར་བྱའོ་སྙམ་པའི་ཀུན་ནས་སླངས་པ་ཡིན།།
4, རང་ཁུངས་ཁང་ཚན་ཆེ་བ་དང་། ན་གཞོན་ཡང་མང་པས་དེ་དག རབ་འབྱུང་གི་རྟེན་མཐར་ཕྱིན་ཡོང་རྒྱུ་དང་། སློབ་གཉེར་གང་བཟང་ཡོང་ཕྱིར་དུ། ལབ་ལབ་དེ་དང་བསྟུན་ནས་ཤག་རྒན་སོགས་བཀྲིན་ཆེ་བའི་སྐོར་དྲན་བསོ་དང་སློབ་གསོ་གཏོང་ཐབས་བཅས་ལ་འབད་ན་མི་བཟང་པོ་ཞིག་ཆགས་པའི་ཐབས་ཤེས་ལེགས་པོར་སེམས།།
5, ལས་འགུལ་འདི་ལྟ་བུས་ཁང་ཚན་འདི་ནང་སློབ་ཁྲིད་བྱེད་མཁན་གང་མང་དང་། སློབ་གཉེར་བ་གང་ཡོང་བའི་རེ་བ་དང་རྟེན་འབྲེལ་ཕན་པ་བཅས་ཡིན།།
6, གདན་སའི་ནང་དུ་དགེ་རྒན་རི་དང་འདྲ་བ་གྲངས་ལ་འདས་ཀྱང་། དཔེ་ཁྲིད་དགེ་རྒན་གཅིག་གི་མདུན་སར་སློབ་མ་མང་བས་རང་ཉིད་རྣམ་གཡེང་དུ་འགྲོ་ཉེས་ཆེ་བ་དང་། དོགས་འདྲི་སོགས་ཞུ་མི་ཐུབ་པར། དེ་དག་ལས་ཟློག་སྟེ་གོ་སྐབས་ཅུང་བཟང་དུ་ཡོང་བའི་རེ་བ་ཡིན།།
7, ལར་ནས་གྲྭ་ཚང་དང་། ཁང་ཚན། དཔེ་རྒན་གཅིག་པུར་འཇོག་རྒྱུར་མིན་པར་འབྲེལ་ཡོད་ན་གཞོན་སོགས་ཕན་ཐབས་བྱེད་དགོས་པ་ནི། འགན་འཁྱེན་བའི་ལས་འགུལ་འདྲ་བསམས་ནས་གང་ཅིས་འབད་བརྩོན་ཞུ་གིན་བཅས།།
འདོད་དང་ང་རྒྱལ་འགྲན་སེམས་ཕྱོགས་མ་སོང་།།
བྱམས་དང་གུས་པ་ཡི་རང་ཕྱོགས་ལ་བརྩོན།།
གང་བྱས་ཆོས་དང་མཐུན་པའི་ཕྱོགས་འགྲོ་བར།།
དགེ་ལ་དགའ་བ་ཀུན་གྱིས་ཕྱོགས་འདིར་སྤུངས།།
རངཉིད་ཇི་ཙམ་ཞན་ཡང་བཅུ་ཕྲག་གཉིས།།
བཤེས་དང་ཚངས་བསྟེརན་དང་བས་ལྷུར་བླངས་པ།།
རང་དང་སྐལ་བ་མཉམ་པར་ཕན་སེམས་པས།།
དགེ་བའི་བྱ་བར་གང་ཅིས་སྟེགས་ནུས་ཤོག།
བྱམས་པ་བསྟན་འཛིན་གྱིས་གུས་པས་སློབ་ཁྲིད་བྱེད་པའི་དམིགས་ཚད་དང་རེ་འདུན་ཡིག་གཟུགས་ཏུ་བསྡེབས་པའོ།། །།2021/5/7
ད་རིང་2024 སྤྱི་ཟླ་5 པའི་སྤྱི་ཚེས་ 5 ཉིན་མོར། སློབ་ཁྲིད་སར་སློབ་མའི་རྩིས་བཞག
བསྡུས་ཆུང་འཛིན་གྲྭའི་ནང་།
1, བློ་བཟང་བཀྲ་ཤིས། 2, འཇིགས་མེད་འཕྲིན་ལས། 3, བློ་བཟང་སྨོན་ལམ།
བསྡུས་འབྲིང་འཛིན་གྲྭ
1, ཉི་མ། 2, ཡེ་ཤེས་རྡོ་རྗེ། 3, རིན་ཆེན་རྡོ་རྗེ། 4, ཉི་མ་བཀྲ་ཤིས། 5, བསྟན་འཛིན་བསོད་ནམས། 6, བློ་བཟང་དཔལ་འབྱོར།
བསྡུས་ཆེན་འཛོན་གྲྭ་
1, ཚེ་རིང་བཀྲ་ཤིས།
གཞུང་གསར་འཛིན་གྲྭ།
1, ཐུབ་བསྟན་ཚེ་དབང་། 2, བློ་བཟང་འཇིགས་མེད། 3, རྡོ་རྗེ། 4, ཐུབ་བསྟན་ཚེ་དབང་། 5, རིན་ཆེན་ཚེ་དབང་།
ཟུར་གསར་འཛིན་གྲྭ
1, ནོར་བུ་ཚེ་རིང་། 2, བློ་དབང་དབང་འདུས། 3, ཕུར་པ་ཚེ་རིང་།
ཟུར་རྙིང་ནས། 1, བློ་བཟང་རབ་རྒྱས། 2, ཀརྨ་རྡོ་རྗེ།
ཟུར་རྙིང་གོང་མ། 1, སངས་རྒྱས་རྡོ་རྗེ།
ཕར་ཕྱིན་འཛོན་གྲྭ བརྩོན་འགྲུས་དང་བསྟན་ནོར་བུ།།
སློབ་ཕྲུག་ རྒན་བཀྲིས་ཤག་ནས་3 རྒན་སྟོབས་འབྱོར་ཤག་ནས་4 རང་གི་ཤག་ནས་4 བཅས་སོ།། །།
Comments
Post a Comment