སག་སྟེང་གྲྭ་ཤག
ཐོག་མར་གནས་འདིར་གུ་རུ་རིན་པོ་ཆེ་སྐལ་བཟང་དོན་ཡོད་བསྟན་འཛིན་གྱིས་སྦོ་རངས་དུང་འཁོར་མ་ཎི་ཕྱག་བཏབ་པའི་སྐབས་སུ་སྒྲུབ་ཆུ་སྟོན་གནང་མཛད། དེ་ནས་སྦོ་རངས་རྨང་དུ་མི་རྣམས་ཐོགས་མར་གནས་སྡོད་བྱས་སྐབས་སུ་འདིར་དམ་ལིངས་ཡོད་པས། ཆོས་པ་བློ་བཟང་ལགས་ཀྱིས་སྒྲུབ་ཆུ་ཟུར་དུ་བཤངས་ནས་དམ་ལིངས་བསང་ཏེ་སྡོད་ཁྱིམ་བརྩིགས་པ་ཡིན།།
ཁྱིམ་བདག་གྲོངས་ནས་མི་རྒྱུད་རྣམས་ལྷོ་མཚམས་གཞི་གསར་དུ་གནས་སྤོས་དང་དག་ཅིག་ཕྱི་གླིང་ཨ་རི་ཕྱོགས་སུ་སོང་ཏེ་སྡོད་ཁྱིམ་རྙིང་པ་ཚོང་རྒྱུ་ཡིན་འདུག་པར། དེ་སྔ་ནས་གདན་ས་དང་གྲྭ་ཚང་ཁག་ཏུ་ཡོད་དགེ་འདུན་རྣམས་རང་ཡུལ་དུ་གུང་སེང་ཡོང་སྐབས་ཁྱིམ་ཚང་ནང་དུ་ཡུན་རིང་སྡོད་དགོས་བྱུང་བ་དང་། འགའ་ཞིག་ཕ་མ་འདས་གྲོང་ཕྱིན་པ་དག་ནི། རང་ཡུལ་དང་རྒྱལ་ཁབ་ལ་འགྲོ་འདོད་བསམ་པ་ཡོད་ཀྱང་འདུག་ས་མེད་པས་སྐུ་ངལ་འཕྲད་དང་འཕྲད་མུས་འདིར། གནས་དོན་དེ་དང་འབྲེལ་ནས་སེ་ར་བྱེས་ལ་སློབ་གཉེར་བྱེད་བཞིན་པའི་དགེ་སློབ་རྣམས་ནས་དེ་ཉིད་དགེ་འདུན་སྤྱི་པར་དགོས་ཉེ་མཐོང་ནས། ལེན་ན་མ་འོངས་བཟང་ངན་མོ་ལྟའི་ལམ་ནས་བཟང་པོ་ཤར་བར། གུ་རུ་རིན་པོ་ཆེ་ལྟ་དགོན་མཁན་འཛིན་གནང་ནས་བཞུགས་འདུག་པར་ རིན་པོ་ཆེ་མཆོག་ལ་ཅི་ལྟར་བཟང་མིན་གནས་དོན་ཞུས་པར། རིན་པོ་ཆེ་ནས་ལེགས་སྐོར་གསུངས་པ་མ་ཟད། ཐུགས་སྨོན་གནང་།།
དེ་ནས་སྤྱི་ལོ་2012ལོར་གནས་མཆོག་རྡོར་གདན་དུ་དཔལ་དུས་ཀྱི་དབང་ཆེན་སྐབས་སུ། རིན་པོ་ཆེ་མཆོག་དབུ་བཞུགས་ཀྱི་ཐོག་ནས་གདན་ས་གསུམ་དང་རྒྱུད་གྲྭ་སྟོད་སྨད་རྟ་དགོན་བོམ་ལ་བཅས་སག་སྟེང་པ་དགེ་ལྡན་དགོན་ཁག་ཏུ་ཡོད་པ་ཚང་མས་ཞལ་འཛོམས་ཐོག་སེར་བྱེས་དགེ་བཤེས་ངག་དབང་དགེ་འདུན་ཚོགས་གཙོར་བསྐོ་བཞག་གནང་།།
དེ་ནས་སྤྱི་ལོ་2014ལོར་དགེ་བཤེས་ངག་དབང་དགེ་འདུན་ནས། གྲྭ་ཤག་དེ་ཉིད་གསར་བཞེང་གནང་བ་དེ་ཡང་། 2013ལོར་རྟ་མགོན་རྒན་ཡེ་ཤེས་ཕྱག་རོགས་ཁྲིད་ནས་མོན་ཡུལ་ས་ཁུལ་ཐམས་ཅད་ལ་སློང་མོ་གནང་། སག་སྟེང་ཏུ་ཕེབས་ནས་དངུལ་ཕུད་སྦོ་རངས་རྨང་དུ་མ་ཎི་དུང་འཁོར་དུ་སྨྱུང་གནས་དང་མ་ཎི་ཚོགས་པ་གཞི་བཙུག་གནང་། དེ་ནས་ཁྲག་ཁྲུ་དུ་མ་ཎི་ཚོགས་པ་དང་། བྱོན་མཁར་དུ་མ་ཎི་ཚོགས་པའི་མ་དངུལ་གནང་བཅས་བསྟན་པ་འགྲོ་བ་བདེ་བའི་ཐུགས་སྨོན་མཚམས་སྦྱོར་རྒྱ་ཆེར་ནས།།
དེ་ནས་རྟ་དབང་དུ་ལོག་ཕེབས་ནས་གྲྭ་ཤག་མཆོད་ཁང་གསར་རྒྱགས་ཀྱི་ཉོ་ཆ་རྒྱབས་ནས་སག་སྟེང་ཕེབས་པར། ཕྱག་རོགས་ཏུ་སེར་བྱེས་བཤེས་བློ་བཟང་སྟོབས་འབྱོར་གནང་སྟེ། 2014རང་ཟླ་༣པའི་ནང་ལ་རྨང་གཞི་གདིང་ནས་ཟླ་བ་དྲུག་གྱི་ནང་དུ་ལེགས་བསྒྲུབས་གནང་། 2015ལོར་ནང་རྟེན་རྣམས་གདན་འདྲེན་ཞུས་ཀྱང་། དགེ་བཤེས་སྨྱུང་གཞི་བཞེས་ནས་ཀ་ལི་ཀ་ཏར་སྨན་ཁང་དུ་ཕེབས། 2016ལོར་ཅུང་དྲག་སྐྱེད་བྱུང་ནས་རྟེན་དང་བརྟེན་པ་ལེགས་སྒྲུབ་བྱུང་སྟེ། རིན་པོ་ཆེ་མཆོག་རབ་གནས་སྤྱན་འདྲེན་ཞུས་སོ།།
2015ལོར། མི་དབང་མངའ་བདག་འབྲུག་རྒྱལ་ལྔ་པ་དང་བཙུན་མོ་ཨ་ཞེ་རྗེ་བཙུན་པདྨ་སྐུ་འཁོར་རྣམས་འདིར་ཕེབས་ནས་གཟིགས་རྟོགས་གནང་བ་དང་། 2018ལོར་མི་དབང་འབྲུལ་རྒྱལ་བཙུན་མོ་འཁོར་བཅས་འདིར་སླར་ཡང་ཕེབས་ནས་སྐུ་ངལ་གསོ་ཡུན་རིང་གནང་ནས་བཞུགས་པ་སོགས་སྐལ་བཟང་བྱུང་།།
གྲྭ་ཤག་དེ་ཉིན་ཚར་ནས་མི་ལོ་གཉིས་ཀྱི་རྗེས་སུ་དགེ་བཤེས་ལགས་ནས་དགོངས་དོན་ལ། དགུན་ཁའི་སློབ་གྲྭ་དང་གྲྭ་ཚང་ངལ་གསོའི་སྐབས་དང་སྟབས་བསྟུན་སློབ་མ་རྣམས་ལ་ནང་ཆོས་དང་རིག་གནད་སློབ་ཁྲིད་བྱེད་ཐུབ་ན་ཕན་རླབས་ལ། ཕོངས་མེད་དགེ་བཤེས་འཇིགས་མེད་ལམ་བཟང་ལ་འགྲོ་གྲོན་མཐུན་རྒྱུར་ཞུས་ནས་དགུན་ཁའི་སློབ་ཁྲིད་ལས་རིམ་2019 ནས་འགོ་བཙུགས་ཏེ་ད་བར་གནང་ཐུབ་པ་བྱུང་ངོ་།།
སྤྱི་ལོ་2022ལོར་སེར་བྱེས་དགེ་བཤེས་བློ་བཟང་ནོར་བུ་ཚོགས་གཙོ་བསྐོ་བཞག་གནང་ནས། 2024ལོར་སྤྱི་ཐབས་ཁང་གསར་བཟོ་གནང་བ་བཅས།། །།
Comments
Post a Comment